专业歌曲搜索

藏家碉楼 - 德勒闹吾.mp3

藏家碉楼 - 德勒闹吾.mp3
[00:00.000] 作曲 : 德勒闹吾 [00...
[00:00.000] 作曲 : 德勒闹吾
[00:01.398]པདྨའི་བོད་མཁར།
[00:02.589]࿄࿄࿄
[00:12.693]རྩིག་རྩིག་རྩིག་རྩིག་པ་རྩིག།
[00:26.573]ཁྱེད་ནི་བཙན་པོའི་དམག་གིས་བཞེངས་བའི་རྡོ་རིང་ཡིན།
[00:33.710]ཁྱེད་ནི་ཁྲ་མོ་གླིང་གིས་བརྩིགས་པའི་དཔའ་མཁར་ཡིན།
[00:40.702]ཁྱེད་ནི་མེས་པོ་གོང་མའི་བཞག་པའི་ཕ་མཁར་ཡིན།
[00:47.862]ཁྱེད་ནི་མཚར་སྡུག་སྟོང་གིས་བསྐྲུན་པའི་སྒྱུ་རྩལ་ཡིན།
[00:55.101]རྡོ་བཟོ་དབུ་ཆེན་རྒན་པོས།།  ས་ལ་རྩིག་ཐིག་བཏབ་ཡོད།།
[00:59.878]རྩིག་རྨང་སེང་རྡོ་བཞག་ནས།།
[01:02.254]རྩིག་པར་འཕྱོང་འབེབས་བྱས་ཡོད།།
[01:04.742]ཕོ་རྡོ་གཡས་ནས་བསྐོར་བསྐོར།།
[01:06.013]མོ་རྡོ་གཡོན་ནས་བསྒྲིགས་བསྒྲིགས།།
[01:07.461]རྩིག་ཟུར་སྣེ་མོ་གཏད་ནས།།
[01:09.501]རྩིག་ཁ་བསྣོལ་མར་བསྙལ་ཡོད།
[01:10.757]རྩིག་པ་གསེར་གཞུང་འདྲ་མ།།
[01:12.646]རྩིག་སྙད་མེད་པར་བརྩིགས་ཡོད།།
[01:14.733]གནམ་ཨ་སྔོན་འཁོར་ལོ་རྩིབས་བརྒྱད་ཀྱི་གདུགས་ཅན།
[01:16.374]མཐོན་མཐིང་གནམ་ལ་འཇུ་ཐག་བསྲིངས་ཡོད།
[01:18.573]གནས་བཀོད་ལེགས་པདྨ་འདབ་བརྒྱད་ཀྱི་གདན་ཅན།
[01:20.901]དམའ་མོ་ས་ལ་རྟེན་ཕུར་གདབ་ཡོད།
[01:22.053]ཨ། མེས་པོའི་བླ་མཁར།ཕ་ཁྱིམ་ཀ་བཞི་གདུང་བརྒྱད།
[01:25.431]ཨ་མྱེ་རྨ་རྒྱལ་ལྷ་རིའི་ལབ་རྩེ་ཡིན་ཟེར།
[01:27.310]དབུ་འཕང་མཐོན་པོའི་རྨོག་དཀར་མནབས་མྱོང་།
[01:28.837]ཞང་པོ་གཉན་པོ་གཡུ་རྩེའི་བསེ་མཁར་ཡིན་སྐད།
[01:31.021]གོ་ཁྲབ་ཅན་གྱི་རུ་མཚོན་བསྒྲེངས་མྱོང་།
[01:34.149]࿄࿄࿄
[02:14.659]རྩིག་རྩིག་རྩིག་རྩིག་པ་རྩིག།
[02:19.652]རྒྱབ་བླ་རི་བྲག་དཀར་ལྷ་ཤིང་གི་ཏོག་ཅན།
[02:21.604]བཙན་པོ་གཉན་གྱི་སྲུང་མ་འཁོར་ཡོད།
[02:23.766]མདུན་སྤང་རིའི་མེ་ཏོག་དྲི་བསུང་གི་ངད་ཅན།
[02:25.845]ཕྱུག་པོ་ཀླུ་ཡི་བང་མཛོད་གཏམས་ཡོད།
[02:27.916]ཨ། མེས་པོའི་བླ་མཁར།
[02:30.020]གཡང་ཁྱིམ་ཀ་བཞི་གདུང་བརྒྱད།
[02:31.157]ཨ་ཅེ་སེང་ལྕམ་འབྲུག་མོའི་ཇ་མཁར་ཡིན་ཟེར།
[02:32.406]མོ་སྒོ་ཡག་གི་ཁྲོམ་ཐག་བཅད་མྱོང་།
[02:33.636]ཨ་མ་ཀླུ་ལྕམ་མཛངས་མའི་གཟིམ་ཤག་ཡིན་ཟེར།
[02:35.852]རིགས་རྒྱུད་བཟང་པོའི་བུ་ཚ་འཁྲུངས་མྱོང་།
[02:38.693]ཁྱེད་ནི་བཙན་པོའི་དམག་གིས་བཞེངས་བའི་རྡོ་རིང་ཡིན།
[02:44.860]ཁྱེད་ནི་ཁྲ་མོ་གླིང་གིས་བརྩིགས་པའི་དཔའ་མཁར་ཡིན།
[02:52.756]ཁྱེད་ནི་མེས་པོ་གོང་མའི་བཞག་པའི་ཕ་མཁར་ཡིན།
[02:59.308]ཁྱེད་ནི་མཚར་སྡུག་སྟོང་གིས་བསྐྲུན་པའི་སྒྱུ་རྩལ་ཡིན།
[03:07.180]ཁྱེད་ནི་བཙན་པོའི་དམག་གིས་བཞེངས་བའི་རྡོ་རིང་ཡིན།
[03:13.788]ཁྱེད་ནི་ཁྲ་མོ་གླིང་གིས་བརྩིགས་པའི་དཔའ་མཁར་ཡིན།
[03:21.572]ཁྱེད་ནི་མེས་པོ་གོང་མའི་བཞག་པའི་ཕ་མཁར་ཡིན།
[03:39.412]ཁྱེད་ནི་མཚར་སྡུག་སྟོང་གིས་བསྐྲུན་པའི་སྒྱུ་རྩལ་ཡིན།
展开